250 episodes

ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་‪།‬ ཨ་རིའི་&ང་ (VOA Tibetan)

    • News

ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།

    • video
    ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༢༤ - སྤྱི་ཟླ་བཞི་པ། ༢༦, ༢༠༢༤

    ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༢༤ - སྤྱི་ཟླ་བཞི་པ། ༢༦, ༢༠༢༤

    ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་ནག་གི་དོ་དམ་འོག་ཡོད་པའི་པཎ་ཆེན་རིན་པོ་ཆེ་དགུང་གྲངས་༣༥ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་དང་། ས་སྐྱ་ཁྲི་ཆེན་རིན་པོ་ཆེར་བརྟན་བཞུགས། ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་ལ་འཚམས་གཟིགས་གནང་བ། ཡུག་ཀེ་རེན་དང་ཐེ་ཝན་གྱིས་ཨ་རིའི་རོགས་སྐྱོར་ཁྲིམས་གཞི་གཏན་འབེབ་བྱུང་བར་དགའ་བསུ་ཞུས་པ་སོགས་ཡོད།

    ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་དགུང་ལོ་༢༠ སྟེང་རྒྱ་ནག་གིས་འཛིན་བཟུང་བྱས་ཏེ་མི་ལོ་བཅུ་དགུའི་རིང་བཙོན་འཇུག་བྱས་རྗེས་༡༩༨༢ ལོར་གཞི་ནས་བཙོན་གྲོལ་ཐོབ་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ལྷུན་གྲུབ་དབང་རྒྱལ་ལགས་ངོ་སྤྲོད་ཀྱི་ལེའུ་གཉིས་པ་དེ་གཟིགས་འབུལ་ཞུ།

    ཀུན་གླེང་ལས་རིམ་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་རཱཇ་པུར་ས་སྐྱ་ཆོས་སྒར་གྱི་འགན་འཛིན་དྲུང་ཆེ་བསོད་ནམས་ཆོས་རྒྱལ་ལགས་གདན་འདྲེན་ཞུས་ནས་དཔལ་ལྡན་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཉེ་ཆར་འབྲུག་ཡུལ་དུ་ཆིབས་བསྒྱུར་གྱིས་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་པའི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

    • 59 min
    • video
    ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༢༤ - སྤྱི་ཟླ་བཞི་པ། ༢༤, ༢༠༢༤

    ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༢༤ - སྤྱི་ཟླ་བཞི་པ། ༢༤, ༢༠༢༤

    ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་གོང་མར་ཐེ་ཝན་སོགས་ལ་རོགས་སྐྱོར་ཁྲིམས་འཆར་ལ་ཆོག་མཆན་བཀོད་པ་དང་། ཞོ་སྟོན་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ལ་མཉམ་ཞུགས་གནང་མཁན་ཚོར་བཀའ་སློབ། ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་ལ་འཚམས་གཟིགས་དང་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་འདོན་སྤེལ་བྱས་པ་སོགས་ཡོད།

    ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་མདོ་སྨད་རྔ་བའི་དཔའ་བོའི་སྲང་ལམ་དུ་ཞི་བའི་ངོ་རྒོལ་བྱས་རྗེས་་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མཁན་རེད་ཅེས་ལོ་གསུམ་ལ་བཙོན་མཇུག་བྱས་མྱོང་བ་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་དང་ལྷན་བོད་ནང་གི་དཀའ་སྡུད་དང་གནས་སྟངས་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།

    • 59 min
    • video
    ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༩ - སྤྱི་ཟླ་བཞི་པ། ༡༩, ༢༠༢༤

    ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༩ - སྤྱི་ཟླ་བཞི་པ། ༡༩, ༢༠༢༤

     ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སོག་རིགས་ཆོས་ཞུ་བ་སོགས་ལ་དགའ་ལྡན་ལྷ་བརྒྱ་མའི་གསུང་ཆོས། བཀའ་ཟུར་རྗེ་བཙུན་པདྨ་ལགས་ལ་ཨ་རིའི་མཐོ་སློབ་ཅིག་གིས་གཟེངས་རྟགས་ཕུལ། གྲོས་ཚོགས་འོག་མར་ཡུག་ཀེ་རན་རོགས་སྐྱོར་ཐད་འོས་ཤོག་འཕེན་འཆར། ཨི་སི་རེལ་ལ་དྲག་རྒོལ་བྱས་པར་བརྟེན་ཨི་རན་ལ་ཉེས་ཆད་བཀལ། དེ་རིང་གི་དྲ་སྣང་གི་བོད་དུ་X་དྲ་ཚིགས་ཀྱི་བོད་འབྲེལ་དཔྱད་མཆན།  ༼གསའ༽འབྲེལ་བརྙན་དཔྱད་༡༠༨ རྒྱའི་དྲ་ལམ་འཐབ་ཇུས་གསར་བར་དཔྱད་པའི་སྙན་ཐོ།   འགུལ་རིས་ལམ་ནས་བོད་ཀྱི་ལོ་རྒྱུས་འཆད་པ།  ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་བོད་ཀྱི་ཆབ་སྲིད་བཙོན་པ་ལྷུན་གྲུབ་དབང་རྒྱལ་ལགས་ངོ་སྤྲོད། གཉིས་པ། ཐེངས་འདིའི་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་ལ་ཨ་མི་རི་ཀའི་ཝིར་ཇཱི་ཎི་ཡ་མངའ་སྡེའི་རན་ཌོལ་ཧྥུ་སློབ་གྲྭ་ཆེན་མོས་༧གོང་ས་མཆོག་གི་སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨས་སྐུ་ཚེ་ཧྲིལ་པོར་བོད་པ་བཙན་བྱོལ་བའི་བུ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་སྤྲད་པའི་མཛད་རྗེས་ལ་ངོས་འཛིན་གྱིས་དུས་རབས་༢༠་པའི་ཨ་མི་རི་ཀའི་རྩོམ་པ་པོ་གྲགས་ཅན་Pearl S. Buck་ཡི་མཚན་ཐོག་ཏུ་ཡོད་པའི་གཟེངས་རྟགས་དེ་སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་ལ་འབུལ་བཞེས་གནང་བ་སོགས་ཀྱི་སྐོར་བཅར་འདྲི་ཞུས་པ་དེ་གསན་གཟིགས་གནང་ར་ཞུ། 

    • 59 min
    • video
    ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༧ - སྤྱི་ཟླ་བཞི་པ། ༡༧, ༢༠༢༤

    ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༧ - སྤྱི་ཟླ་བཞི་པ། ༡༧, ༢༠༢༤

    ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་དོན་ཁྲིམས་འཆར་ལ་སྤྱི་མོས་གནང་བ་དང་། ཨི་སི་རེལ་གྱིས་ཨི་རན་ལ་ཡ་ལན་སློག་པར་ངོ་རྒོལ་དང་གནོན་ཤུགས། ཨ་རི་དང་ཨི་རག་གི་འབྲེལ་ལམ། ཡུག་ཀེ་རེན་ནང་ཨ་རིའི་རོགས་སྐྱོར་ག་དུས་ཡོང་མིན་གྱི་བློ་འཚབ། རྒྱ་གར་གྱི་འོས་བསྡུ་སོགས་ཡོད།

    ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་བྱང་ཨ་རིར་འཚམས་གཟིགས་ཀྱིས་གྲོས་ཚོགས་འཐུས་མིར་མཇལ་འཕྲད་དང་བོད་མི་ཚོར་བཀའ་སློབ། ལྷག་པར་དུ་རྒྱལ་ས་ཝ་ཤིན་ཀྲོན་དུ་ཕེབས་ཡོད་པའི་དུས་འདིར་ཨ་རིའི་གྲོས་ཚོགས་སུ་བོད་རྒྱའི་དཀའ་རྙོག་སེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཚོགས་ཀྱིས་ངོས་ལེན་བྱུང་་བ་བཅས་ཀྱི་ཐད་ལ་མིགས་བསལ་བཅར་འདྲི་ཞུ་རྒྱུ་ཡིན།

    གཟའ་ལྷག་པ་དང་པ་སངས་ཉིན་གྱི་ཀུན་གླེང་ལས་རིམ་ནང་ཀུན་གླེང་གསར་འགྱུར་དང་། དྲ་སྣང་གི་བོད། ཆབ་སྲིད་བཙོན་པ་ངོ་སྤྲོད། བརྗོད་གཞི་གལ་ཆེན་གྱི་ཐད་བགྲོ་གླེང་གི་ལེ་ཚན་བཅས་གོ་སྒྲིག་བྱས་ཡོད། ཀུན་གླེང་ལས་རིམ་ནི་རྒྱ་གར་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་བརྒྱད་དང་ཕྱེད་ཀའི་བར་དང་། བོད་ནང་གི་དགོང་མོའི་ཆུ་ཚོད་བཅུ་བ་ནས་༡༡ གི་བར། དེ་བཞིན་ཨ་རིའི་ཤར་ཕྱོགས་ཀྱི་ཞོགས་པའི་ཆུ་ཚོད་༡༠ པ་ནས་༡༡ གི་་བར་བརྙན་འཕྲིན་དང་། ངོ་དེབ། ཡུག་ཊུབ། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་དྲ་ཚིགས་བཅས་སུ་ཐད་གཏོང་བྱེད་པ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།། 

    • 59 min
    • video
    ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༢ - སྤྱི་ཟླ་བཞི་པ། ༡༢, ༢༠༢༤

    ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༢ - སྤྱི་ཟླ་བཞི་པ། ༡༢, ༢༠༢༤

    ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་ཉི་ཧོང་། ཧྥེ་ལེ་པིན་གསུམ་མཉམ་འབྲེལ་གྱི་དམ་བཅའ་དང་། ཨ་ཚོགས་དགོན་པ་གནས་སྤོར་དུ་བཅུག་པ་དང་བོད་མི་འཛིན་བཟུང་ཁྲིམས་གཅོད། གཡུང་དྲུང་བོན་གྱི་སྨན་རིའི་སྒྲུབ་ཆེན་དབུ་འཛུགས། ཨི་རན་གྱིས་ཨི་སི་རེལ་ལ་ཡ་ལན་སློག་ཆེད་གཏོར་རྒོལ་གྱི་ཉེན་ཚབས་ཆེ་རུ་འགྲོ་བཞིན་པ་སོགས་ཡོད།

    ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༡༩༥༩ ལོར་རྒྱལ་སྲུང་དགྲ་རྒོལ་གྱི་དམག་འཐབ་ནང་ཞུགས་ཤིང་ལོ་བཅུ་དགུའི་རིང་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ལྷུན་གྲུབ་དབང་རྒྱལ་ལགས་ངོ་སྤྲོད་བྱས་ཡོད།

    ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་དང་ཝ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས་རྣམ་གཉིས་གདན་འདྲེན་ཞུས་ནས་སིངྒ་ལའི་དགེ་སློང་ཁག་ཅིག་གིས་ཉེ་ཆར་༧གོང་ས་མཆོག་ལ་ཕུལ་བའི་སངས་རྒྱས་ཀྱི་རིང་བསྲེལ་དེའི་ལོ་རྒྱུས་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།

    • 59 min
    • video
    ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༠ - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

    ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༠ - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

    ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཞོ་སྟོན་ཐེངས་༢༧ པ་དབུ་འཛུགས་དང་། ༧གོང་ས་མཆོག་གིས་ཧར་ཝར་ཌིའི་དགེ་སློབ་ཁག་ཅིག་ལ་བཀའ་མོལ། ལ་དྭགས་བླ་མ་བློ་བཟང་རྗེས་དྲན། གྷ་ཛ་དམག་འཁྲུག་ཁྲོད་ཀྱི་ཡུལ་གྱར་མང་ཚོགས་ལ་སྐྱོབ་གསོ། རྒྱ་ནག་གི་ཡུ་རོབ་པར་ཐོངས་མཆན་ཝེ་ས་མི་དགོས་པའི་སྲིད་ཇུས་ཁྲོད་བོད་མིར་དབྱེ་འབྱེད་སོགས་ཡོད།

    ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་དཔལ་འབྱོར་གོ་སྐབས་ཞིབ་འཇུག་པ་འབུམ་རམས་པ་ཚེ་དབང་རིག་འཛིན་ལགས་དང་ལྷན་ཨ་རིའི་ནོར་སྲིད་དྲུང་ཆེ་ཇཱེ་ནི་ཐེ ཡེ་ལེན་གྱི་ཉིན་བཞིའི་རིང་གི་རྒྱ་ནག་ཚོང་དོན་འཚམས་གཟིགས་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་སྒྲོལ་མ་གླིང་བཙུན་དགོན་དུ་དགེ་བཤེས་མའི་འཐབ་ཇུས་དང་འཆར་སྣང་ཟབ་སྦྱོང་ཞེས་པ་འཚོག་བཞིན་པའི་ཐད་ཟབ་སྦྱོང་འདིའི་ཐད་ལ་འགན་གཙོ་བོ་ཁུར་མཁན་གྲས་སྤྱི་ཚོགས་འཕྲོད་བསྟེན་གྱི་སློབ་གསོ་བ་བདེ་ཆེན་ཚེ་རིང་ལགས་དང་བགྲོ་གླེང་ཞུས་ཡོད།།



    གཟའ་ལྷག་པ་དང་པ་སངས་ཉིན་གྱི་ཀུན་གླེང་ལས་རིམ་ནང་ཀུན་གླེང་གསར་འགྱུར་དང་། དྲ་སྣང་གི་བོད། ཆབ་སྲིད་བཙོན་པ་ངོ་སྤྲོད། བརྗོད་གཞི་གལ་ཆེན་གྱི་ཐད་བགྲོ་གླེང་གི་ལེ་ཚན་བཅས་གོ་སྒྲིག་བྱས་ཡོད། ཀུན་གླེང་ལས་རིམ་ནི་རྒྱ་གར་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་བརྒྱད་དང་ཕྱེད་ཀའི་བར་དང་། བོད་ནང་གི་དགོང་མོའི་ཆུ་ཚོད་བཅུ་བ་ནས་༡༡ གི་བར། དེ་བཞིན་ཨ་རིའི་ཤར་ཕྱོགས་ཀྱི་ཞོགས་པའི་ཆུ་ཚོད་༡༠ པ་ནས་༡༡ གི་་བར་བརྙན་འཕྲིན་དང་། ངོ་དེབ། ཡུག་ཊུབ། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་དྲ་ཚིགས་བཅས་སུ་ཐད་གཏོང་བྱེད་པ་ཡིན་པས་དུས་ཐོག་གསན་གཟ

    • 59 min

Top Podcasts In News

The Daily
The New York Times
Global News Podcast
BBC World Service
Flashpoint Ukraine - Voice of America
VOA
The New Yorker Radio Hour
WNYC Studios and The New Yorker
American Prestige
Daniel Bessner & Derek Davison
La Zanzara
Radio 24

More by Voice of America

နံနက်ပိုင်း ၆း၀၀-၇း၀၀ - ဗွီအိုအေ
ဗွီအိုအေ
As It Is - VOA Learning English
VOA Learning English
နေ့စဉ် တီဗွီသတင်းလွှာ - ဗွီအိုအေ
ဗွီအိုအေ
အပတ်စဉ် တီဗွီမဂ္ဂဇင်း - ဗွီအိုအေ
ဗွီအိုအေ
Africa News Tonight  - VOA Africa
VOA Africa
VOA Learning English Podcast - VOA Learning English
VOA Learning English