7 Folgen

ཐོས་པ་མ་རིག་མུན་སེལ་སྒྲོན་མེ་ཡིན་ཞེས་པ་ལྟར་མཁས་པའི་གསུང་ལ་བརྟེན་ནས་རང་གི་བློ་གྲོས་རྒྱས་པར་བྱ་རྒྱུ་དང་། ཐོས་པ་རྒྱ་བསྐྱེད་གཏོང་དགོས་རྒྱུ་ནི་འགྲོ་བ་མིའི་རིགས་དང་ལྷག་པར་དུ་སློབ་གཉེར་ལ་འདུན་པ་ཡོད་མཁན་ཞིག་ཡིན་ན། བགྱི་བ་དེ་ནི་གཡོལ་མེད་གཟུར་མེད་ཀྱི་ལས་འགན་གལ་བོ་ཆེ་ཞིག་ཏུ་བསམས་དང་སེམས་བཞིན་ཡོད། ས་པཎ་གྱིས་ཇི་སྐད་གདམས་པ་ལྟར་ལེགས་བཤད་བྱིས་པའི་ངག་ལས་ཀྱང་ལེན་དགོས་ཞེས་གསུངས་པ་ནི་སྔོན་བྱོན་དམ་པའི་མན་ངག་དང་རྗེས་འཇུག་གདུལ་བའི་ཉམས་ལེན་ཉག་གཅིག་ཏུ་འགྱུར་དགོས་པ་མ་ཡིན་གྲང་། དེ་བས་འདི་བཀོད་ཀྱི་གཏམ་བཤད་ཁག་ནི་ཉ་ཉུང་མཉམ་བསྲེས་ཀྱི་ངག་ཀྱལ་དང་ཡེ་མི་འདྲ་བར་སྐུ་ཚེ་ཐོས་བསམ་གྱི་བསྐྱལ་བའི་མཁས་པ་དག་གི་གཏམ་ཡིན་སྟབས། ཉན་རིན་མེད་པ་ཞིག་ཏུ་གཏད་ནས་མི་འདོད་དོ།།

འཆད་ཁྲིད‪།‬ Tibetan

    • Kunst

    སྒྲ་རིག་གནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས།

    སྒྲ་རིག་གནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས།

    རྩོམ་པ་པོ་དཔྱི་ས་བློ་གྲོས་རྒྱ་མཚོ། ཁྲིད་མཁན། ལྕང་སྐྱ་དགེ་འདུན་བཀྲ་ཤིས།

    བྱ་ཕོག་བཀྲ་ཤིས་དབང་འདུས།

    བྱ་ཕོག་བཀྲ་ཤིས་དབང་འདུས།

    བྱ་ཕོག་བཀྲ་ཤིས་དབང་འདུས།

    དུང་དཀར་བློ་བཟང་འཕྲིན་ལས།

    དུང་དཀར་བློ་བཟང་འཕྲིན་ལས།

    ༄༅། །སྤྱི་ལོ༡༩༩༦ལོའི་བོད་ཟླ་བཞི་པར། མཁས་མང་འདུས་པ་རྒྱ་མཚོའི་གཙུག་རྒྱན་ཨ་ལགས་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་མི། སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོ་གཞོན་པ། ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཁང་གི་དབུ་འཛིན། དབྱིན་ཇིའི་ཉིའུ་ཅིན་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན། བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་ཀྱི་གདན་ཞུས་ཆེད་ལས་མཁས་པ་གྲགས་ཅན་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ནས། ཉིན་བཅུ་བདུན་གྱི་རིང་ལ་ཆེས་དཀྱུས་མའི་ཞལ་བརྡའི་ཚུལ་གྱིས། སངས་རྒྱས་ཆོས་ལུགས་གཙོ་བོར་གྱུར་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་གཏིང་ཟབ་པའི་བོད་ཀྱི་རིག་གཞུང་སྐོར་ནས་བཀའ་འདྲི་སྣ་ཚོགས་ཞུས་པའི་དྲི་བ་དྲིས་ལན་གྱི་སྒྲ་ཕབ་སྤུས་གཙང་ངེད་སྐྱིད་རྟག་གིས་དག་ཞུས་ལེགས་སྒྲིག་སོང་པ་འདིར་མཐར་ཆགས་སུ་བཞུགས་པ་ལགས།

    བོད་ཀྱི་བརྡ་རྙིང་།

    བོད་ཀྱི་བརྡ་རྙིང་།

    འཆད་ཁྲིད་པ་པདྨ་དབང་ཆེན། 1965ལོའི་ཟླ12བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ནས་འཁྲུངས། 1983ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནས་ཐོན་པ་དང་ལོ་དེར་མཚོ་སྔོན་ཞིང་ཆེན་རེབ་གོང་རྫོང་རྒྱང་བསྒྲགས་ས་ཚིགས་སུ་ལས་བགོས་བརྒྱབ་ཅིང་།གཙོ་བོར་རྩོམ་སྒྲིག་དང་།ཡིག་སྒྱུར།གསར་འགོད་པ་སོགས་ཀྱི་ལས་ཀ་བྱས། 1986ལོ་ནས1990ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་གླིང་ནས་སློབ་གཉེར་མཛད་པ་དང་དངོས་གཞིའི་བསླབ་གནས་བླངས། 1990ལོ་ནས1993ལོའི་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་གླིང་ནས་སློབ་གཉེར་མཛད་པ་དང་རབ་འབྱམས་པའི་བསླབ་གནས་བླངས།

    སྒོ་ཤེས་རབ་རྒྱ་མཚོ། རྒྱལ་རབས་དེབ་ཐེར་དཀར་པོ།

    སྒོ་ཤེས་རབ་རྒྱ་མཚོ། རྒྱལ་རབས་དེབ་ཐེར་དཀར་པོ།

    རྒྱལ་རབས་དེབ་ཐེར་དཀར་པོ་འཆད་ཁྲིད།

    པཎ་ཆེན་རིན་པོའི་ཆེས་དབུས་ལྷ་ལྡན་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བསྐྱར་གསོའི་སྐབས་གསུང་བཤད

    པཎ་ཆེན་རིན་པོའི་ཆེས་དབུས་ལྷ་ལྡན་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བསྐྱར་གསོའི་སྐབས་གསུང་བཤད

    པཎ་ཆེན་རིན་པ་ཆེ།

    • 54 Min.

Top‑Podcasts in Kunst