ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། ཨ་རིའི་&ང་ (VOA Tibetan)
-
- News
-
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་གླེང་བྱེད་པའི་ལེ་ཚན་ཞིག་ཡིན།
-
- video
གླིང་མཆོག་སྤྲུལ་རིན་པོ་ཆེར་བཅར་འདྲི། - སྤྱི་ཟླ་ལྔ་པ། ༠༤, ༢༠༢༤
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གླིང་མཆོག་སྤྲུལ་རིན་པོ་ཆེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་པའི་གོ་སྐབས་དང་བསྟུན་ནས་བོད་པ་བཙན་བྱོལ་པའི་ཁ་འཐོར་སྤྱི་ཚོགས་སུ་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་པ་གཅེས་འཛིན་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་ཐད་བཅར་འདྲི་ཞུ་རྒྱུ་ཡིན།
-
- video
ཨ་རིའི་ཕྱི་སྲིད་དྲུང་ཆེའི་རྒྱ་ནག་གི་འཚམས་གཟིགས་ལ་དཔྱད་ཞིབ། - སྤྱི་ཟླ་ལྔ་པ། ༠༡, ༢༠༢༤
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ། ཉེ་ལམ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་མཆོག་རྒྱ་ནག་ཏུ་ཉིན་གྲངས་གསུམ་རིང་གི་འཚམས་གཟིགས་གནང་བར་བགྲོ་གླེང་ཞུས་ཡོད།
-
- video
ལོ་འཁོར་སྙན་ཐོ་གཉིས་དང་བོད་ཀྱི་གནས་སྟངས། - སྤྱི་ཟླ་ལྔ་པ། ༠༡, ༢༠༢༤
ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་སུ། ཉེ་ཆར་ཨ་རིའི་ཕྱི་སྲིད་ལྷན་ཁང་དང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་གཉིས་ཀྱིས་༢༠༢༣ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལོ་འཁོར་སྙན་ཐོ་བཏོན་གནང་ཡོད་པའི་ཐད་བགྲོ་གླེང་ཞུས་ཡོད།
-
- video
ས་སྐྱ་གོང་མ་ཁྲི་ཆེན་གྱི་འབྲུག་ཡུལ་ནང་གི་མཛད་འཕྲིན། - སྤྱི་ཟླ་བཞི་པ། ༢༧, ༢༠༢༤
ཀུན་གླེང་ལས་རིམ་དུ་རཱཇ་པུར་ས་སྐྱ་ཆོས་སྒར་གྱི་འགན་འཛིན་དྲུང་ཆེ་བསོད་ནམས་ཆོས་རྒྱལ་ལགས་གདན་འདྲེན་ཞུས་ནས་དཔལ་ལྡན་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཉེ་ཆར་འབྲུག་ཡུལ་དུ་ཆིབས་བསྒྱུར་གྱིས་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་པའི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།
-
- video
ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ཀྱི་ཞི་རྒོལ་དང་བློས་གཏོང་། - སྤྱི་ཟླ་བཞི་པ། ༢༤, ༢༠༢༤
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་མདོ་སྨད་རྔ་བའི་དཔའ་བོའི་སྲང་ལམ་དུ་ཞི་བའི་ངོ་རྒོལ་བྱས་རྗེས་་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མཁན་རེད་ཅེས་ལོ་གསུམ་ལ་བཙོན་མཇུག་བྱས་མྱོང་བ་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་དང་ལྷན་བོད་ནང་གི་དཀའ་སྡུད་དང་གནས་སྟངས་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།
-
- video
སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨར་གཟེངས་རྟགས་འབུལ་བཞེས། - སྤྱི་ཟླ་བཞི་པ། ༢༠, ༢༠༢༤
ཨ་མི་རི་ཀའི་ཝིར་ཇཱི་ཎི་ཡ་མངའ་སྡེའི་རན་ཌོལ་ཧྥུ་སློབ་གྲྭ་ཆེན་མོས་༧གོང་ས་མཆོག་གི་སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨས་སྐུ་ཚེ་ཧྲིལ་པོར་བོད་པ་བཙན་བྱོལ་བའི་བུ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་སྤྲད་པའི་མཛད་རྗེས་ལ་Pearl S. Buck་ཡི་གཟེངས་རྟགས་དེ་སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཕུལ་པའི་སྐོར་བཅར་འདྲི་ཞུས་ཡོད།