བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༡༠།༠༨ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔–October.08, 2025 ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཡུ་རོབ་བོད་རིགས་ཚོགས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ། ◆ དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བརྟན་བཞུགས་ཐོག་ཕེབས་པའི་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་མི་སྐུ་ཚབ་རྣམས་དང་ཐུག་འཕྲད་གནང་བ། ◆ དཔལ་ལྡན་སྲིད་སྐྱོང་མཆོག་གཙོ་བཞུགས་ཐོག་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་དེ་དབུ་འཛུགས་གནང་བ། ◆ རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འགོ་འཛིན་རྣམ་པས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་མཇལ་འཕྲད་གནང་བ། ◆ སིམ་ལར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཁག་ཅིག་ལ་འཛིན་སྐྱོང་གི་ཟབ་སྦྱོང་གནང་འགོ་འཛུགས་པ། ◆ སེར་བྱེས་ཚན་རིག་སྦྱོང་བརྡར་ཁང་དུ་གནའ་དེང་ཚན་རིག་བགྲོ་གླེང་གོ་སྒྲིག་ལམ་ནས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ། ◆ ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་བདེ་སྐྱིད་སྐྱེད་ཚལ་བྱིས་བཅོལ་ཁང་དབུ་འབྱེད་གནང་བ། https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=W3alFrCb-raKJeAl https://ghoton.net/ https://hhthedalailama90.net/ #dalailama #yearofcompassion #90thbirthday #compassionRevolution #Ghoton #TibetansforTibet #CentralTibetanAdministration #Dailynews #tibettv
Information
- Show
- FrequencyUpdated daily
- Published8 October 2025 at 13:30 UTC
- Length13 min
- RatingClean