ctatibettv

ctatibettv

Tibet TV is the official broadcasting channel of the Central Tibetan Administration. It was launched in 2006 with the goal of connecting all the Tibetans in the diaspora as well as informing Tibet supporters about the issues of Tibet. It disseminates information on the activities and teachings of His Holiness the Dalai Lama, the Central Tibetan Administration and the current situation of human rights in Tibet and activities in the diaspora community. Tibet TV is currently one of the principal sources of information related to Tibet and Tibetan issues and the information is disseminated in 12 languages namely Tibetan, English, Hindi, Chinese, Japanese, French, German, Korean, Spanish, Italian, Nepali and Russian. Additionally, Tibet TV also produces information material on Tibetan culture, environment, language and religion. Besides it also produces documentary films, short and feature-length films etc. It makes use of social media (Facebook, Youtube, Instagram, and Twitter) to communicate to its viewers and also relays the information through the local cable TV operators in Dharamshala.

  1. 5h ago

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༢༦ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༢༦ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– August 26, 2026 ◆ དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་༧དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་དང་ཁྲི་འཛིན་ཞེ་གཉིས་པ་མཆོག་གི་མཇལ་ཁ་ཞུས་པ། ◆ དཔལ་ལྡན་བཀའ་ཤག་ནས་ལོ་ལྟར་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་ཉིད་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་དུ་སྲུང་བརྩི་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ། ◆ སུད་སི་གྲོང་ཁྱེར་སྦ་སིལ་དུ་བོད་ཀྱི་དུས་སྟོན་སྲུང་བརྩི་ཞུས་པ། ◆ ཐའེ་ཝན་དུ་གནས་སྡོད་བོད་པའི་སློབ་ཕྲུག་རྣམས་ཀྱི་ཕྱི་ལོ་ ༢༠༢༦ ལོའི་དབྱར་ཁའི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ངོ་སྤྲོད་སྐོར་བསྐྱོད་ཀྱི་གླིང་ཁ་མཇུག་སྒྲིལ་བ། #dalailama#TibetansforTibet #centraltibetanadministration #dailynews #tibettv

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༢༦ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘
  2. 1d ago

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༢༥ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༢༥ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– August 25, 2026 ◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་པ་ལྕམ་སྐུ་ Eliska Zigova མཆོག་དང་མཇལ་འཕྲད་གནང་བ། ◆ བཞུགས་སྒར་དུ་ནང་སྲིད་ལས་ཁུངས་ཁྱབ་ཁོངས་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༧ པ་དབུ་འཛུགས་གནང་བ། ◆ དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་རྡ་ས་དང་མ་སུ་རི་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཀྱི་མཇུག་བསྡོམས་མཛད་སྒོར་ཕེབས་ཞུགས་གནང་བ། ◆ དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ། #dalailama#TibetansforTibet #centraltibetanadministration #dailynews #tibettv

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༢༥ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘
  3. 2d ago

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༢༤ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘

    ◆ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མང་སྤྲོད་དགོན་པར་ལ་དྭགས་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པ། ◆ སྐུ་ཞབས་ Swapan Dasgupta མཆོག་ནུབ་བྷེང་གྷལ་མངའ་སྡེའི་དཔལ་འབྱོར་བློན་ཆེན་དུ་བསྐོ་བཞག་བྱུང་བའི་ཆེ་བསྟོད་ཀྱི་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕེབས་ཞུགས་གནང་བ། ◆ འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཤར་བྱང་ཆོས་རྗེ་རྣམ་གཉིས་ལ་བརྟན་བཞུགས་བསྟར་འབུལ་སྐབས་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ཕེབས་ཞུགས་གནང་བ། ◆ སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ལགས་རྣམ་གཉིས་ཀྱི་རྒྱ་གར་བྱང་ཤར་འབྲས་ལྗོངས་དང་ཀ་སྦུག་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཡོངས་སུ་ལེགས་གྲུབ་ཟིན་པ། ◆ ཨོ་གླིང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Dean Smith མཆོག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལག་བསྟར་བྱེད་མཁན་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོར་རྒྱལ་སྤྱིའི་ Magnitsky ཁྲིམས་སྒྲིག་གཞིར་བཟུང་ཉེས་ཆད་འགེལ་དགོས་པའི་ནན་བསྐུལ་གནང་བ། #dalailama#TibetansforTibet #centraltibetanadministration #dailynews #tibettv

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༢༤ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘
  4. 5d ago

    བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༨།༢༡ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(𝗧

    བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༨།༢༡ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(𝗧𝗶𝗯𝗲𝘁𝗮𝗻) August 21, 2026 ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གླེ་ཡི་དགོན་པ་གྲོང་སྡེར་ཆིབས་སྒྱུར་གྱིས་ཐུབ་དབང་སྐུ་བརྙན་ལ་རབ་གནས་བྱིན་རླབས་མཛད་པ། ◆ བཞུགས་སྒར་གཙོས་པའི་བཙན་བྱོལ་བོད་མིའི་འདུ་སྡོད་ས་གནས་ཁག་ཏུ་རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་ཀྱི་ཞེ་དགུའི་མཆོད་འབུལ་སྨོན་ལམ་གསུང་འདོན་དང་། རྒྱ་ནག་གཞུང་གི་ཁྲིམས་ཡིག་གསར་པ་དེར་ངོ་རྒོལ་གནང་བ། ◆ སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨོ་གླིང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས། རྒྱ་ནག་གཞུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་ཕྱིར་འཐེན་ཡོང་བར་སྐུལ་འདེད་གཏོང་གནང་ཡོང་བའི་ཞུ་སྐུལ་གནང་བ། ◆ དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་མོན་གྷོ་འདོད་རྒུ་གླིང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ། ◆ བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་ངོ་ ༨༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ། #dalailama#TibetansforTibet #centraltibetanadministration #dailynews #tibettv#weeklynews

    བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༨།༢༡ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(𝗧
  5. 6d ago

    རྒྱལ་གཅེས་པ་རྣམས་ལ་མཆོད་འབུམ་སྨོན་ལམ་དང་རྒྱ་ནག་གཞུང་གིས་བོད་རིགས་རྩ་མེད་བཟོ་བའི་སྲིད

    ༄༅། །རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་ནས་ཞག་ཞེ་དགུ་འཁོར་བའི་དུས་ཚིགས་དང་བསྟུན། བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག་དམ་པ་དེ་ཉིད་དང་། བོད་བསྟན་སྲིད་ཆེད་ལུས་སྲོག་བློས་གཏོང་གནང་མཁན་རྣམས་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད། རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་ངོ་རྒོལ་མཚོན་ཕྱིར། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་དང་རྡ་ཤོད་ཉེན་རྟོག་ཐང་ཆེན་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༠ ཉིན།

    རྒྱལ་གཅེས་པ་རྣམས་ལ་མཆོད་འབུམ་སྨོན་ལམ་དང་རྒྱ་ནག་གཞུང་གིས་བོད་རིགས་རྩ་མེད་བཟོ་བའི་སྲིད
  6. Aug 19

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༡༩ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༡༩ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– August 19, 2026 ◆ དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་མོན་གྷོ་འདོད་རྒུ་གླིང་དུ་འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་གྱི་སྦྱིན་སྲེག་ལ་ཆེད་ཕེབས་དང་། དགོན་སྡེ་ཁག་ཏུ་འཚམས་གཟིགས་གནང་བ། ◆ སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས་རྣམ་གཉིས་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ལགས་རྣམ་གཉིས་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བ། ◆ རྡ་ས་དང་མ་སུ་རི་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་བ། ◆ ཏི་ཛུ་ས་གནས་འཐུས་ཚོགས་སྐབས་ ༡༢ པའི་ཚོགས་མི་གསར་འདེམས་རྣམས་ཀྱིས་ལས་ཁུར་དམ་འབུལ་ཞུས་པ། #dalailama#TibetansforTibet #centraltibetanadministration #dailynews #tibettv

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༡༩ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘
  7. Aug 18

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༡༨ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༡༨ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– August 18, 2026 ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་ལ་བརྩེ་སེམས་དང་བྱམས་སྙིང་རྗེ་སྒོམ་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་སྩལ་བ། ◆ དཔལ་ལྡན་ཆོས་རིག་བཀའ་བློོན་མཆོག་མོན་གྷོ་འདོད་རྒུ་གླིང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ། ◆ བཀའ་སྤྱི་གཉིས་ལས་གྲུབ་པའི་མཆོད་འབུལ་སྨོན་ལམ་དང་། ཞི་བའི་གོམ་བགྲོད་ལས་འགུལ་གོ་སྒྲིག་ཚུགས་ཆུང་གི་ལས་དོན་འགོ་འཛུགས་གནང་བ། ◆ སུད་སིར་མི་གྲངས་ཉིས་བརྒྱ་ལྷག་འདུ་འཛོམས་ཀྱིས་རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་ལ་རྗེས་དྲན་དང་། རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལ་ངོ་རྒོལ་གནང་བ། #dalailama#TibetansforTibet #centraltibetanadministration #dailynews #tibettv

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༡༨ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘
  8. Aug 17

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༡༧ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༡༧ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– August 17, 2026 ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་ཡི་དགོན་པ་གྲོང་སྡེར་ཆིབས་སྒྱུར་གྱིས་སྟོན་པའི་སྐུ་བརྙན་ཆེན་མོར་གནས་གཟིགས་དང་རབ་གནས་མཛད་པ། ◆ བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་ངོ་ ༨༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ། ◆ སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ལགས་རྣམ་གཉིས་ཀྱི་སྒང་ཏོག་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་དང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་རྣམ་གཉིས་ཀྱི་མེའོ་ཆོས་འཕེལ་གླིང་གི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་ཟིན་པ། ◆ བོད་རང་དབང་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་ཆེན་མོའི་ནང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་ཕྱོགས་བཞུགས་སྤྱི་འཐུས་ཚེ་བརྟན་ཕུན་ཚོགས་ལགས་རྣམ་གཉིས་ལྷན་ཞུགས་གནང་བ། ◆ ཉི་འོང་དུ་ཚོགས་པའི་བོད་རྒྱ་གཉིས་དང་འབྲེལ་བའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་ལས་རིམ་ཐོག་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཕེབས་ཞུགས་གནང་བ། #dalailama #TibetansforTibet #centraltibetanadministration #dailynews #tibettv

    བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༡༧ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘
5
out of 5
9 Ratings

About