
ཆོས་སྒྲ། Sounds of the Dharma
࿐བཀྲ་ཤིས་བདེ་ལེགས། བཀུར་འོས་གསན་མཁན་ཡོངས་ལ་‘ཆོས་སྒྲ་’ཞེས་པའི་སྒྲ་དེབ་རྒྱུ་ལམ་དུ་ཕེབས་པར་དགའ་བསུ་ཞུ་ཡི་ཡོད། སྒྲ་དེབ་རྒྱུ་ལམ་འདི་གོ་སྒྲིག་ཞུ་མཁན་ངའི་སྐོར་ལ་མདོར་བསྡུས་ཤིག་ཞུས་ན། ངའི་མིང་ལ་སློབ་དཔོན་པདྨ་བསྟན་དར་ཟེར་གྱི་ཡོད། ང་རྣམ་གྲོལ་གླིང་གི་བཤད་གྲྭ་ནས་སྤྱི་ལོ ༢༠༡༥ ལོར་སློབ་དཔོན་གྱི་བསླབ་པ་ཐར་སོན་པ་ཞིག་ཡིན། རྒྱུ་ལམ་འདིའི་མིང་བྱང་ལ་‘ཆོས་སྒྲ་’ཞེས་པ་ནི། ཆོས་འཆད་ཉན་བྱས་པའམ་ཆོས་དཔེ་ཀློག་པའི་སྒྲ་ཡི་དོན་རེད། སྒྲ་དེབ་རྒྱུ་ལམ་འདིའི་ནང་དུ་ཡང་རྣམ་པ་ཚོས་མིང་བྱང་དང་མཐུན་པར་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པའི་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་མཛད་རྣམ་དང་། ཁོང་གི་གསུང་ཆོས་ཁག་སྒྲོག་སྦྱང་ཞུས་པ་རྣམས་སྟབས་བདེའི་ལམ་ནས་རིན་མེད་ཐོག་གསན་ཐུབ། ཁྱེད་རྣམ་པས་གསན་པ་ནང་བཞིན་མི་གཞན་རྣམས་ཀྱིས་ཀྱང་གསན་ཐུབ་ཆེད་རྣམ་པ་ཚོས་གཞན་ལ་ཡང་བརྒྱུད་བསྐུར་གནང་རྒྱུའི་ཐུགས་རྗེ་མ་ཆུང་རོགས། ཐུགས་རྗེ་ཆེ།
Trailers
About
Information
- CreatorLopon Pema Tendar
- Years Active2020 - 2021
- Episodes66
- RatingExplicit
- Copyright© Lopon Pema Tendar
- Show Website