དབུས་སྐད་ལས་རིམ།

ཨེ་ཤེ་ཡ་རང་དབང་རླུང་ཕྲིན་ཁང་གི་དབུས་སྐད་སྔ་དྲོའི་ལས་རིམ། Hosted on Acast. See acast.com/privacy for more information.

  1. 1d ago

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༩།༡༨

    1  སྤྱི་ནོར་༧གོང་ས་མཆོག་ནས་མཇལ་ཁ་བཀའ་སློབ་གནང་ཡོད་པ། 2  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་སྲིད་བློན་ལ་འཚམས་འདྲི་ཞུས་གནང་བ། 3  རྒྱ་ནག་གཞུང་གིས་མིས་བཟོས་རིག་ནུས་བེད་སྤྱོད་བཏང་ནས་བོད་མིར་སོ་ལྟ་བྱེད་ཀྱི་ཡོད་པ། 4  བལ་བོད་ས་མཚམས་སུ་མི་སྣ་འདས་གྲོངས་ཕྱིན་པའི་ཐད་རྒྱ་ནག་གི་བྱ་སྤྱོད་ལ་རྒྱལ་སྤྱིའི་དོ་འཁུར་ནན་པོ་མ་བྱས་པར་ཐུགས་འཚབ་བྱུང་སྐོར། 5  རྒྱ་ནག་གིས་བོད་ནང་སྤེལ་བཞིན་པའི་ལས་གྲ་ཆེ་ཁག་མཚམས་འཇོག་དགོས་པ་བརྗོད་སྐོར། 6  རྔ་བ་མའོ་རྫོང་དུ་རི་ཉིལ་ནས་གཞུང་ལམ་དང་ཆུ་ལམ་འགག་པ། 7  རྒྱ་ནག་གི་བོད་ཐོག་འཛིན་པའི་ཐབས་བྱུས་དང་༧སྐུའི་ཡང་སྲིད་ཀྱི་གནད་དོན་སྐོར། 8  རྒྱ་ནག་གི་གསང་བའི་བཙོན་ཁང་ཞེས་པའི་དེབ་གསར་པ་དང་འབྲེལ་བའི་བཅའ་འདྲི། 9  ཨ་རི་བ་གཉིས་ཀྱིས་ལོ་རབས་བརྒྱད་ཅུའི་ནང་གི་བོད་དོན་ལས་འགུལ་ལ་ཕྱིར་དྲན། 10  ཨ་རི་དང་རྒྱ་ནག་མཉམ་ལས་ཀྱི་འབྲེལ་བ་ནས་འགྲན་རྩོད་ཀྱི་འབྲེལ་བའི་ཁྲོད་བོད་ཀྱི་གནས་བབ། 11  སྦརིཀསི་ཚོགས་འདུ་དེ་ནི་རྒྱ་གར་ལ་མཚོན་ན་རྒྱ་ནག་དང་ལྷན་ས་མཚམས་སོགས་གནད་དོན་གལ་ཆེན་ཁག་གི་སྐོར་གླེང་རྒྱུའི་གནད་འགག་ཆགས་སྐོར། 12  རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ལ་སླེབས་པ་དང་སྐབས་རྒྱ་གར་གྱི་མེ་སོར་དུ་བཙན་བྱོལ་བོད་མི་ཚོས་བོད་དོན་ལས་འགུལ་སྤེལ་ཡོད་པ། 13  ཞི་ཅིན་ཕིང་ལྡི་ལིར་སྦརིཀསི་ཚོགས་འདུར་འབྱོར་སྐབས་ངོ་རྒོལ་གནང་མཁན་བོད་མི་ལས་འགུལ་བ་དོ་དམ་བྱས་པ་ཡོངས་རྫོགས་གློད་བཀྲོལ། 14  རྒྱ་ནག་གིས་དབང་བསྒྱུར་བྱས་པའི་མི་རིགས་གཞན་ལ་གོ་རྟོགས་སྤེལ་བར་ཕན་ཐོགས་བྱུང་སྐོར། 15  རྒྱ་རིགས་གསར་འགོད་པ་ཞིག་གིས་དངོས་བདེན་གནས་ཚུལ་ལ་གཞིཊ་ཏེ་རྒྱ་རིགས་རྣམས་ཀྱི་བཙན་བྱོལ་བོད་མིར་ལྟ་ཕྱོགས་ལ་འགྱུར་བ་ཞིག་ཡོང་ཆེད་དཔེ་དེབ་ཅིག་རྩོམ་བྲིས་གནང་འདུག 16  བོད་ནང་དེ་སྔ་བོད་ཀྱི་ཐེབས་རྩས་རོགས་སྐྱོར་ཁག་ཅིག་གནང་ཡོད་པའི་གནས་ཚུལ། 17 ལ་དྭགས་ཁུལ་དུ་སྐད་ཡིག་དང་རིག་གཞུང་གཅེས་འཛིན་ཐོག་ལོ་འཁོར་མོའི་ལས་འགུལ་སྤེལ་བཞིན་ཡོད་འདུག Hosted on Acast. See acast.com/privacy for more information.

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༩།༡༨
  2. Sep 11

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༩།༡༡

    1     སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོར་རྗེས་མཇལ་ཁ་དང་མཛད་འཕྲིན་ཁག་བསྐྱངས་གནང་ཡོད་པ། 2     རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་པ། 3     ཚེས་༡༡བར་བོད་དང་བལ་ཡུལ་གཉིས་ནས་མི་༡༣༠༠ ལྷག་འདས་གྲོངས་སུ་སོང་ཡོད་པ་དང་། མི་༥༣༠༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ། 4     རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་བོད་སྐྱིད་གྲོང་དུ་མགྲོན་འབོད་བྱེད་ཡོད་པ། 5      སྐྱིད་གྲོང་འགག་སྒོའི་རི་ཟུར་གྲོང་ཚོ་ནས་མི་ ༢༦ འདས་གྲོངས་སུ་སོང་བ་དང་། ཚོང་ཁང་དང་ཟ་ཁང་བཅུ་གྲངས་མེད་པ་ཆགས་འདུག 6     ཞི་ཅིན་ཕིང་ལྡི་ལིར་སྦརིཀསི་ཚོགས་འདུའི་ཆེད་རྒྱ་གར་དུ་འབྱོར་གྱི་ཡོད་པ་དང་བསྟུན། བོད་མི་ཚོས་རྒྱ་ནག་གི་བོད་ནང་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ། 7     རྒྱ་དཀར་ནག་གི་འབྲེལ་བ་དང་སྦརིཀསི་ཚོགས་འདུ་དང་འབྲེལ་བའི་བཅའ་འདྲི། 8     རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། རྒྱ་ནག་བཅས་སུ་ཆོས་ལུགས་ཀྱི་བྱེད་སྒོར་ལྟ་སྲུང་དོ་དམ་དུ་བཏང་ཡོད་པ། 9     མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་ཡོད་པ་གསུངས་འདུག།  10  ལྷོ་ཀོ་རི་ཡའི་རྒྱལ་ས་སིའོལ་དུ་རྒྱལ་སྤྱིའི་རྒྱལ་སྲུང་དང་འབྲེལ་བའི་བགྲོ་གླེང་གི་ཚོགས་འདུ་ཞིག་གི་ཐོག་ཕི་ལི་པིནསི་ཀྱི་རྒྱལ་སྲུང་དྲུང་ཆེས་རྒྱ་ནག་གི་བྱ་སྤྱོད་འཐེར་བཏོན་བྱས་པ། 11  བྱང་ཨ་རིའི་བོད་རིཊ་སྤྱི་མཐུན་ཚོགས་པ་རྣམས་ཀྱིས་བོད་དོན་ཞུ་གཏུག་ཤུགས་ཆེ་རུ་གཏོང་རྒྱུ་དང་བདེ་འཇཊ་སྲུང་སྐྱོབ་ཐད་གྲོས་བསྡུར་གནང་ཡོད་པ། 12  མི་རིཊ་ཀྱི་ངོ་བོ་གཅེས་འཛིན་བྱེད་པར་བེུད་ཚོར་འགན་འཁུན་ཆེན་པོ་ཡོད་པ་འབྲས་ལྗོངས་མངའ་སྡེའི་གྲོས་ཚོཊ་ཀྱི་འཐུས་མི་ཞིག་གིས་གསུངས་པ། 13  ༡༩༥༩ གོང་གི་བོད་ཀྱི་ཕྱི་འབྲེལ་དང་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་དཔེ་དེབ་གསར་པ་ཞིག་ཐོན་ཡོད་པ། 14  ཆུ་བཞི་སྒང་དྲུག་གི་གློག་བརྙན་ཧིན་དྷི་ནང་ཕབ་བསྒྱུར་ཞུས་པ་དེ་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་གཟིགས་འབུལ་ཞུས་པ། Hosted on Acast. See acast.com/privacy for more information.

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༩།༡༡
  3. Sep 4

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༩།༤

    Summary   1        སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཟླ་བ་གཉིས་ལྷག་ཙམ་བཞུགས་གདན་འཇག་པའི་རྗེས་བཞུགས་སྒར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་ཡོད་པ། 2        བོད་དང་བལ་ཡུལ་དུ་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཐོན་པའི་རྗེས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཡི་ཤུ་བླ་ཆེན་ནས་ནས་ཐུགས་སྨོན་གནང་ཡོད་པ། 3          ཚེས་༣༠ཉིན་ ༧གོང་ས་མཆོག་ལ་བོད་མི་དང་ལ་དྭགས་ཡུལ་པ་ཐུན་མོང་ནས་བརྟན་བཞུགས་ལྟར་འབུལ་ཞུས་ཡོད་པ། 4        ལ་དྭགས་ཀྱི་གསར་འགོད་པ་དང་ལྷན་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་གླེང་བ། 5        ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ས་གནས་སུ་ཡོད་པའི་ནང་པ་དང་། ཁ་ཆེ། ཡི་ཤུ་བཅས་ཆོས་ལུགས་འདྲ་མིན་ཐུན་མོང་གིས་༧མགོན་པོ་མཆོག་ལ་ཆེ་བསྟོད་སྣེ་ལེན་ཞིག་ཞུས་ཡོད་པ། 6        སྐྱིད་གྲོང་གི་ཁྱིམ་དུད་ ༡༥ དང་གར་སོང་ཆ་མེད་དུ་སོང་བའི་བོད་མི།                                        7        བལ་ཡུལ་ས་མཚམས་ཏི་མུ་རེ་ནས་བོད་པ་༣༥ ཙམ་ཆུས་འཁྱེར་ཡོད་པའི་གནས་ཚུལ་ཐོན་ཡོད་པ། 8        གནས་སྤོ་དང་མྱུར་སྐྱོབ་ཁྲོད་ཀྱི་གནས་ཚུལ་ལ་བོད་ནང་དུ་ཚོད་འཛིན།  9        བལ་བོད་ས་མཚམས་ཀྱི་བར་ཆད་ཁྲོད་བལ་ཡུལ་ཕྱོགས་སུ་ཡོད་པའི་བོད་མི་ཞིག་གང་སོང་ཆ་མེད་དུ་སོང་ཡོད་པས་ནིའུ་ཡོག་གི་སྤུན་མཆེད་ནས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ། 10     སྐར་མ་གསུམ་གྱི་ནང་ལ་ཡོད་ཚད་འཁྱེར་བའི་ཆུ་རུད།      11         བལ་ཡུལ་ཕྱོགས་ཀྱི་གནོད་འཚེ་ཕོག་ཡུལ་ནས་བལ་ཡུལ་གཞུང་གིས་བོད་མི་ཁག་ཅིག་སྐྱོབ་ཐུབ་ཡོད་པ། 12       བལ་བོད་ས་མཚམས་སུ་གངས་རི་བསྐྱར་དུ་ཉིལ་བའི་ཉེན་ཁ་ཡོད་བཞིན་པའི་ཐོག་མུ་མཐུད་མྱུར་སྐྱོབ་བྱེད་བཞིན་པ།  13        བལ་བོད་ས་མཚམས་སུ་གནོད་འཚེ་བྱུང་སྐབས་བཙན་བྱོལ་ནང་གི་བོད་མིས་རོགས་སྐྱོར་ལས་དོན་ནང་མཉམ་ཞུགས་གནང་ཡོད་པ། 14       སིཔེན་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་བོད་བལ་ས་མཚམས་ཀྱི་གོད་ཆག་ཕོག་པ་ཚོར་མྱ་ངན་ཞུ་སྐབས་དབྱིན་ཡིག་ཐོག་བོད་ཅེས་པའི་ཐ་སྙད་བེད་སྤྱོད་བྱས་པར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་པ། 15      རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་སྐབས་སྣེ་འཁྲིད་མཁན་ཁོངས་ཀྱི་རྒྱ་རིགས་མང་གཙོ་དོན་གཉེར་བས། བོད་མི་རྣམས་དང་མཉམ་ལས་ཀྱི་ནུས་པ་སྤུངས་ཏེ་རྒྱ་ནག་གཞུང་ལ་རྒོལ་ལན་ཁ་གཏད་གཅོག་དགོས་གལ་ཆེ་བར་ངོས་འཛིན་གནང་འདུག 16       ལ་དྭགས་སུ་བཙན་བྱོལ་ནང་གི་དམངས་གཙོའི་དུས་ཆེན་དང་འབྲེལ་མཛད་སྒོ་གནང་ཡོད་པ། 17        བོད་ཀྱི་མ་འོངས་འཐབ་རྩོད་སྐོར་ལ་ཁ་ཕྱོགས་སྟངས་ཐོག་བསམ་ཚུལ་འདྲ་མིན་ཡོད་པ། 18        བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་གནང་པའི་རྗེས་སུ་རྒྱལ་སྤྱིའི་དོ་སྣང་དང་འབྲེལ་ཡོད་སྐོར།  Hosted on Acast. See acast.com/privacy for more information.

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༩།༤
  4. Aug 28

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༨།༢༨

    བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་ར་སུ་བ་ཁུལ་དུ་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་བྱུང་ནས་མི་བརྒྱ་ཕྲག་མང་པོ་ག་སོང་ཆ་མེད་དུ་སོང་ཡོད་པ།༧གོང་ས་མཆོག་གིས་རྐྱེན་འདས་དང་གནོད་འཚེ་ཕོག་པའི་མི་མང་ལ་ཐུགས་གསོ་དང་ཐུགས་སྨོན་གནང་ཡོད་པ།བལ་བོད་ས་མཚམས་སུ་བྱུང་པའི་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་འདི་དང་འབྲེལ་བའི་ཐོག་བལ་ཡུལ་དུ་ཡོད་པའི་བཟང་པོ་ལགས་དང་བཀའ་མོལ་ཞུས་པ།  བལ་བོད་ས་མཚམས་སུ་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེའི་འོག་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་བཞུགས་སྒར་རྡ་རམ་ས་ལར་མཆོད་འབུལ་ཞིག་འཚོགས་གནང་ཡོད་པ།སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་མང་སྤྲོ་དབྱར་ཆོས་ཆེན་མོར་དབུ་བཞུགས་གནང་བ།སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་སྲིད་འཛིན་རིམ་པས་ཕོ་བྲང་དཀར་པོས་གདན་ཞུ་ཐེངས་མང་ཞུས་ཡོད་པས། ལོ་རྒྱུས་ཀྱི་གནས་ཚུལ་ཕྱིར་དྲན་ཞུས་པ། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དེ་དམིགས་བསལ་དཔྱད་ཞིབ་ཞིག་ཐོན་ཡོད་པ།ལ་དྭགས་ཞི་བའི་ཚལ་༧རྒྱལ་བའི་ཕོ་བྲང་གི་སྐོར་ལམ་དུ་བོད་ཚེས་ ༡༥ ཉིན་མི་གྲངས་ ༢༠༠༠ ཙམ་གྱིས་ཕྱག་འཚལ་གྱི་མཆོད་པ་ཕུལ་བ།རྒྱ་དཀར་ནག་གཉིས་ཀྱི་དབར་ས་མཚམས་རྩོད་རྙོག་དང་འབྲེལ་བའི་གྲོས་མོལ་ཐེངས་ ༢༥ པ་དེ་པེ་ཅིན་དུ་ཚོགས་ཡོད།  རྒྱ་གར་གྱི་ལུ་དྷི་ཡ་ནར་པཎ་འཇབ་ཚོང་པ་མང་པོས་བློ་དགའ་རང་བཙན་ལཊ་སུ་རྗེས་དྲན་གྱི་ལས་འགུལ་ནང་མཉམ་ཞུགས་གནང་པ།རྒྱ་གར་གཞུང་ལ་བཙན་བྱོལ་བོད་མིའི་རང་དབང་དང་བདེ་འཇགས་ལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་ཡོད་པ། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིས་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་ལ་ཁ་གཏད་གཅོག་དགོས་པའི་སྐུལ་མ་གནང་འདུགབོད་པའི་སློབ་གྲྭ་ཁག་ཏུ་སློབ་བཞིན་པའི་རིགས་ལམ་སློབ་ཚན་དེས། དེང་དུས་ཤེས་ཡོན་སློབ་སྦྱོང་ལ་རམ་འདེགས་ཡོང་གི་ཡོད་པ།ནིའུ་ཡོཀ་ཏུ་བཅའ་བཞུགས་ཉི་མ་དབང་མོ་ལགས་ལ་ཡོ་ག་(yoga)ནི་ལུས་པོའི་འཕྲོད་བསྟེན་ཡར་རྒྱས་གཏོང་བའི་ཐབས་ལམ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ། Hosted on Acast. See acast.com/privacy for more information.

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༨།༢༨
  5. Aug 21

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༨།༢༡

    1     སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉིན་ལྟར་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བཞིན་ཡོད་པ།   2     སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་དགོན་པ་ཡུལ་གྱི་སྟོན་པའི་སྐུ་བརྙན་དང་མཆོད་རྟེན་ལ་རབ་གནས་གནང་བ། 3 བློ་དགའ་རང་བཙན་ལགས་འདས་གྲོངས་ཕྱིན་ནས་ཞག་ ༤༩ སོང་བའི་ཉིན་ནང་མི་ཚོས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཁོང་གི་དགོས་འདུན་དང་འབྲེལ་བའི་ཞུ་འབོད་གནང་ཡོད་པ། 4 རྒྱ་གར་གྱི་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཆུ་རྒྱུན་དུ་རྒྱག་བཞིན་པའི་ཆུ་མཛོད་དང་དེའི་ཉེན་ཁ་སོགས་ཀྱི་གནས་ཚུལ་མཉམ་སྤྱོད་དགོས་པ་བརྗོད་པ། 5 རྒྱ་ནག་གཞུང་གིས་བོད་དུ་དམ་དྲག་བྱེད་མཁན་གྱི་འགོ་ཁྲིད་དཔུང་ཁག་གསོ་སྐྱོང་བྱེད་བཞིན་ཡོད་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགྲེལ་བརྗོད་གནང་འདུག 6 ལོན་ཌོན་གྱི་རྒྱ་ནག་གཞུང་ཚབ་ཁང་དུ་གློག་རྒྱུག་མཚོན་ཆ་ཉར་ཡོད་པའི་དོགས་གཞིར་དབྱིན་གཞུང་གིས་བརྟག་དཔྱད་བྱ་དགོས་ཞེས་ཡོངས་ཁྱབ་ཡི་གེ་ཞིག་བཏང་པ། 7 ཧོང་ཀོང་ནང་ལོ་ལྟར་དྲུག་བཞི་ལས་འགུལ་གྱི་དྲན་གསོ་གོ་སྒྲིག་པ་གཉིས་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པར་ངན་སྐུལ་བྱས་པའི་ཉེས་བཙུགས་བྱས་འདུག། 8 བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཟུང་སྦྲེལ་གྱི་གཞུང་འབྲེལ་མཆོད་འབུལ་དང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ། 9 ཨ་རི་དང་ཨོ་སི་ཁྲུ་ལི་ཡའི་ནང་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་ནས་བློ་དགའ་ལགས་དམ་པར་རྗེས་དྲན་དང་བོད་དོན་ལས་འགུལ་སྤེལ་ཡོད་པ། 10 རྒྱ་གར་ལྷོ་ཕྱོགས་སུ་བོད་པའི་གཞོན་སྐྱེས་ཚོས་བློ་དགའ་ལགས་དམ་པར་རྗེས་དྲན་དང་མཆོད་འབུལ་གནང་ཡོད་པ། 11 རྒྱ་གར་གྱི་ཀོལ་ཀ་ཏ་གྲོང་ཁྱེར་དུ་རྒྱ་ནག་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་མདུན་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་རྔམ་སྟོན་ལས་འགུལ་སྤེལ་བ། 12 དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སེར་སྨད་དགེ་བཤེས་ལྷ་རམ་པ་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་ཁྲི་འདོན་གནང་པ། 13 ལ་དྭགས་སུ་ཕྱི་རྒྱལ་མི་སྣ་ཁག་༧གོང་ས་མཆོག་མཇལ་ཁར་བཅར་མཁན་མང་པོ་ཡོད་པ་དང་། མཇལ་ཁ་ཞུས་རྗེས་སེམས་འགུལ་ཐེབས་པ་སོགས་ཚོར་སྣང་འདྲ་མིན་བྱུང་བཞིན་ཡོད་པ། 14 འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་མཆོག་ཕྱི་ཟླ་ ༨ ཚེས་ ༨ ཉིན་དགོངས་པ་རྫོཊ་ཏེ་ཉིན་གྲངས་དགུའི་རིང་ཐུགས་དམ་ལ་བཞུགས་ཡོད་པ། 15 བོད་མི་ཚོས་རྒྱ་གར་རང་བཙན་གྱི་དུས་ཆེན་སྲུང་བརྩི་ཞུས་པ། 16 ལ་དྭགས་སུ་ཡོད་པའི་བོད་པའི་མི་རབས་གསུམ་གྱིས་མཉམ་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ། Hosted on Acast. See acast.com/privacy for more information.

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༨།༢༡
  6. Aug 14

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༨།༡༤

    1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་མཇལ་ཁ་དང་བཀའ་འདྲིར་བཀའ་ལན་གནང་ཡོད་པ། 2 སྤྱི་ནོར་༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་སྐུ་བརྙན་དང་དྲན་རྟེན་མཆོད་རྟེན་ལ་རབ་གནས་གནང་བ། 3 ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགུན་དུས་སུ་གདན་ས་བཀྲིས་ལྷུན་པོར་ཆིབས་སྒྱུར་ཡོང་བའི་གསོལ་འདེབས་ཞུས་གནང་འདུག 4 ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མཛད་པའི་བཙན་བྱོལ་ནང་གི་རང་དབང་ཞུ་བའི་ཕྱག་དེབ་འདི་ཤྲི་ལངྐའི་སིན་ཧ་ལའི་སྐད་ཡིག་ཐོག་ཕབ་བསྒྱུར་ཞུསགནང་ཡོད་པ། 5   དབུས་བོད་མི་སྒྲིག་འཛུཊ་ལ་ངོས་འཛིན་ཆེ་རུ་གཏོང་བའི་ ༢༠༢༦ མ་འོངས་བོད་ཀྱི་འགན་ལེན་ཁྲིམས་འཆར་འདི་ད་རེས་ཨ་རིའི་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་གནང་ཡོད་པ། 6 ཏཱའི་སི་ཏུ་རིན་པོ་ཆེ་ཁམས་སྡེ་དགེར་ཕེབས་པར་མི་མང་གིས་དགའ་བསུ་ཞུས་ཡོད་པ། 7 བོད་ཀྱི་རྟ་རྒྱུག་དུས་ཆེན་ཁག་ལ་ཉེན་རྟོག་པ་ཕོན་ཆེན་བཀྲམ་ནས་དམ་དྲག་བྱས་ཡོད་པ། 8 བོད་ཀྱི་གསེར་རྟ་བླ་རུང་སྒར་དུ་རྒྱ་ནག་གཞུང་གིས་མུ་མཐུད་དེ་གྲ་ཤག་བཤིག་བཞིན་ཡོད་པ་དང་།  ཡུལ་སྐོར་དུ་སྐྱོད་མཁན་ཁྲོད་ལ་ཡང་དམ་དྲག་ཆེ་རུ་བཏང་ཡོད་པ། 9  རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རུང་ཅི་དགུང་ལོ་༩༨ ཐོག་འདས་གྲོངས་སུ་སོང་ཡོད་པ། 10 རྒྱ་ནག་གིས་ཨ་རུ་ན་ཅལ་ཐོག་བདག་དབང་ཡོད་ཚུལ་བརྗོད་པར་རྒྱ་གར་གིས་རྒོལ་ལན་སློག་པ། 11 ཧིན་བོད་ས་མཚམས་ཀྱི་འབྲས་ལྗོངས་ཁུལ་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་བོད་དོན་ལས་འགུལ་སྤེལ་ཡོད་པ།  12 རྒྱ་གར་གྱི་ས་གནས་བཅུ་ལྷག་ནས་བོད་མི་ ༥༠༠ ལྷག་གིས་ཅན་དྷི་གྷར་རྒྱ་ནག་ལ་ངོ་རྒོལ་གི་ལས་འགུལ་སྤེལ་ཡོད་པ། 13 ཟླ་ ༨ ཚེས་ ༡༢ ཉིན་ནེའུ་ཡོག་ཏུ་བོད་རང་དབང་བདེན་པའི་ཐབས་རྩོད་ཀྱི་ལས་འགུལ་ཞེས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ། 14 བོད་ཀྱི་ཟློས་གར་ཚོགས་པས་དབྱར་སྐྱིད་རྐང་བྲོ་གླུ་གར་གྱི་འགྲན་བསྡུར་གནང་པ་བརྒྱུད་རྒན་རབས་རྫོགས་འགྲོ་བའི་དུས་སུ་བོད་ཀྱི་སྲོལ་རྒྱུན་གླུ་གཞས་ལ་གཅེས་འཛིན་གནང་ཐབས་གནང་བཞིན་པ།  Hosted on Acast. See acast.com/privacy for more information.

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༨།༡༤
  7. Aug 7

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༨།༠༧

    1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཉིན་ལྟར་འཛམ་གླིང་ས་ཕྱོགས་ཁག་ནས་མཇལ་ཁ་ཞུ་མཁན་ཚོར་ཐུགས་བརྩེ་ཆེན་པོས་མཇལ་ཁ་དང་བཀའ་སློབ་གནང་བཞིན་ཡོད་འདུག།  2       ལ་དྭགས་སུ་ཆོས་སྐུལ་གོམ་བགྲོད་གནང་སྟེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་འདུག། 3 རྒྱ་ནག་གིས་པཎ་ཆེན་དུ་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུ་བོད་དུ་བཏང་ཡོད་པ། 4     ཨ་རིས་རྒྱ་ནག་གི་ཁེ་ལས་ ༤༣ བཀག་སྡོམ་བྱས་པའི་ནང་བོད་དང་འབྲེལ་ཡོད་ཁེ་ལས་གཉིས་ཚུད་ཡོད་འདུག། 5 རྒྱ་ནག་གཞུང་གིས་བཙོན་ཁང་ནང་ཉེས་རྡུང་བཏང་སྟེ་ཡེ་ན་དགོན་པའི་ཕྱག་མཛོད་མགོན་པོ་ཚེ་རིང་ལགས་ཀྱི་སྐུ་གཟུགས་གནས་སྟངས་མུ་མཐུད་ཛ་དྲག་འོག་གནས་ཡོད་འདུག   6 ༧གོང་ས་མཆོག་གི་སྐུ་པར་སྟོན་པར་འཛིན་བཟུང་བྱས་པའི་མི་སྣ་གློད་འགྲོལ་དགོས་སྐོར་བརྗོད་པ། 7     ད་རེས་ཟླ་ ༨ ཚེས་ ༡ ཉིན་རྒྱ་དཀར་ནག་གིས་འཕགས་བོད་ས་མཚམས་ཀྱི་ཚོང་ལམ་གསུམ་བསྐྱར་དུ་སྒོ་མོ་ཕྱེ་ཡོད་པ།  8     ཚེས་ ༡ ཉིན་ཁུ་ནུ་ཁུལ་གྱི་སྲིབ་སྐྱིད་ལའི་ཚོང་ལམ་རྙིང་པ་འདི་ཡང་ལོ་དགུའི་རྗེས་བསྐྱར་དུ་སྒོ་ཕྱེ་ཡོད་པ། 9 ཉེ་ཆར་རྒྱ་དཀར་ནག་གཉིས་ཀྱིས་འཕགས་བོད་ས་མཚམས་སུ་མཐའ་སྲུང་དང་འབྲེལ་བའི་གནས་ཚུལ་ཞིག་ཐོན་ཡོད་པ། 10 བལ་ཡུལ་གཞུང་གིས་ཀཐ་མཎ་ཌུར་འཚོགས་རྒྱུའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་ ༡༧ པ་ཕྱིར་འཐེན་དགོས་པ་གོ་སྒྲིག་ཚོགས་ཆུང་ལ་བཀོད་ཁྱབ་བཏང་འདུག 11     བློ་དགའ་རང་བཙན་ལགས་འདས་གྲོངས་སུ་སོང་ནས་ཟླ་བ་གཅིག་འཁོར་བའི་སྐབས་དེར་བོད་དོན་རྒྱབ་སྐྱོར་བ་རི་ཆརཌི་གྷིར་ལགས་དང་བོད་མི་ཚོས་འཛམ་གླིང་གིས་དོ་སྣང་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ། 12     ས་གནས་གང་སར་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་ཏེ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ཟླ་བ་གཅིག་ཕྱིན་པའི་སྐབས་དེར་དམ་པ་ཁོང་ལ་དྲན་གསོ་ཞུས་ཡོད་པ།        13    ད་བར་རང་སྲེག་གནང་མཁན་བོད་མི་ ༡༧༠ ལྷག་ལ་གདུང་སེམས་མཉམ་བསྐྱེད་དང་དྲན་གསོའི་ཆེད་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢ ཉིན་ལས་འགུལ་སྤེལ་ཡོད་པ། 14 མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་སྣང་མེད་དུ་བཏང་པར་ངོ་རྒོལ་གྱི་ཆེད་རྡ་རམ་ས་ལར་ངག་བཅད་ཀྱི་ལས་འགུལ་ཞིག་སྤེལ་གནང་འདུག 15    དགུང་ལོ་ ༨༢ ཡིན་པའི་ལས་འགུལ་བ་ཞིག་གིས་བློ་དགའ་རང་བཙན་ལཊ་ལ་ཆེ་བསྟོད་ཞུ་ཆེད་གཟའ་འཁོར་གཉིས་རིང་སྤྱི་ལེ་ ༤༠༠ ཙམ་གྱི་སར་བསྐྱོད་རྒྱུའི་ཞི་བའི་གོམ་བགྲོད་ནང་མཉམ་ཞུགས་གནང་ཡོད་པ། 16 ལ་དྭགས་སྤང་གོང་མཚོར་ལ་དྭགས་དང་རྒྱ་གར་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པས་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་དང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག། 17 ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞོན་སྐྱེས་དྭང་བླངས་བ་ཁག་ཅིག་གི་གོ་སྒྲིག་འོག་ལ་དྭགས་སླེ་ནས་མཁར་གདོང་ལའི་བར་སྦག་སྦག་བཏང་ནས་སྐོར་སྐྱོད་གནང་སྟེ་བློ་དགའ་རང་བཙན་ལགས་དམ་པར་རྗེས་དྲན་ཞུས་འདུག Hosted on Acast. See acast.com/privacy for more information.

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༨།༠༧
  8. Jul 31

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༧།༣༡

    1སྤྱི་ནོར་༧གོང་ས་མཆོག་གི་ཞབས་པུས་ཡག་པོ་དྭངས་སྐྱེད་བྱུང་ནས་ཞབས་གོམ་སྐྱོན་ཏེ་མཇལ་ཁ་གནང་ཡུལ་དུ་ཕེབས་ནས་མཇལ་ཁའི་སྐབས་བཀའ་སློབ་གནང་ཡོད་པ།  2རྒྱ་གར་ལྷོ་ཕྱོགས་སུ་གནས་པའི་བྱེས་ཀྱི་གདན་ས་ཆེན་པོ་བཀྲིས་ལྷུན་པོའི་མཁན་པོ་ཁྲི་ཐོག་དྲུག་པ་དཀའ་ཆེན་བློ་བཟང་ཤེས་རབ་མཆོག་གི་ཁྲི་འདོན་རྟེན་འབྲེལ་མཛད་སྒོ་ཚོགས་གནང་ཡོད་པ། 3ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཇིམ་མེཀ་གྷོ་ཝརཎ་ལགས་མཉམ་འབྲེལ་རྒྱལ་ཚོགས་མདུན་ཆེད་མངགས་ཕེབས་པ། 4ཟླ་ ༧ ཚེས་ ༣༠ ཉིན་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་བོད་མི་ཁག་ཅིག་གིས་སྐྲ་བཞར་ནས་མགོ་རིལ་བཟོ་བའི་ལས་འགུལ་ཞིག་སྤེལ་གནང་འདུག  5མཉམ་འབྲེལ་རྒྱལ་ཚོགས་མདུན་གྱི་བོད་མིའི་ལས་འགུལ་དང་འབྲེལ་བའི་བཅའ་འདྲི། 6བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་པའི་རྒྱལ་གཅེས་དཔའ་བོའི་མངོན་འདོད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད།  7འབྲས་ལྗོངས་ལ་ས་གནས་ཡུལ་མི་ཚོས་ཀྱང་བློ་དགའ་རང་བཙན་ལགས་དམ་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་རྗེས་དྲན་ཞུ་བཞིན་ཡོད་པ། 8རྒྱ་གར་ཨོ་ཌི་ཤ་མངའ་སྡེའི་རྒྱལ་སར་རྒྱ་གར་གྱི་གཞུང་འཛིན་སྦི་ཇེ་པི་ཚོགས་པའི་ས་གནས་ཀྱི་འགོ་ཁྲིད་ཀྱིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ཞུས་པ། 9རྒྱ་གར་དང་ཨོསི་ཊིརི་ཡ། ཧྥ་རན་སི་སོགས་འཛམ་གླིང་ས་ཕྱོགས་གང་སར་བོད་མི་སྒེར་ངོས་ནས་ལས་འགུལ་འདྲ་མིན་སྤེལ་ནས་བློ་དགའ་རང་བཙན་ལགས་དམ་པར་རྗེས་དྲན་ཞུ་བཞིན་ཡོད་པ། 10ཀ་ལོན་སྦུག་ཏུ་ཡུལ་མི་གཞོན་སྐྱེས་ཀྱིས་བོད་དོན་ཆེད་སྦག་སྦག་སྐོར་སྐྱོད་ནང་མཉམ་ཞུགས་གནང་པ། 11དམག་དོན་ནས་ཚོང་ལས་བར། བོད་ལ་རྒྱ་ནག་གི་མི་མེད་གནམ་གྲུའི་ཚོད་ལྟ་བྱ་ཡུལ་བཙུགས་པ། 12བོད་ཀྱི་ཨ་མདོ་བྲག་དཀར་རྫོང་དུ་བསྟུད་མར་འགུལ་ཚད་རིམ་པ་ལྔ་ཡན་གྱི་ས་ཡོམ་ཐེངས་གསུམ་བརྒྱབ་ཡོད་པ་དང་།  མི་ཤི་རྨས་ཀྱི་གནས་ཚུལ་ཁ་གསལ་མེད་པ་རེད་འདུག    Hosted on Acast. See acast.com/privacy for more information.

    བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༧།༣༡

About

ཨེ་ཤེ་ཡ་རང་དབང་རླུང་ཕྲིན་ཁང་གི་དབུས་སྐད་སྔ་དྲོའི་ལས་རིམ། Hosted on Acast. See acast.com/privacy for more information.

More From RFA